སྐད་བརྡ་སློབ་སྦྱོང་།
རིག་གནས་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ།
སི་ཁྲོན་ཞིང་ཆེན་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་།མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན།གྲངས་ཉུང་མི་རིགས་55ཡོད།དེའི་ཁྲོད་ཀྱི་མི་རབས་14ཞིང་ཆེན་ནང་ཁུལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་མང་ཉུང་ལྟར་རིམ་པ་ལྟར་དབྱིས་རིགས་དང་།བོད་རིགས།ཆའང་རིགས་དང་མིའོ་རིགས།ཧུའེ་རིགས།སོག་རིགས།ཧོར་རིགས་དང་།ལི་སུའུ་རིགས།མན་ཇུ་རིགས།འཇང་རིགས།པུའུ་དབྱི་རིགས།ཀྲོང་རིགས།ཏའེ་རིགས་བཅས་ཡིན།སི་ཁྲོན་མི་རིགས་ས་ཁུལ་གྱི་མངའ་ཁོངས་རྒྱ་ཆེ་བ་དང་།རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་30.21ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་60.14%ཟིན་ཡོད།ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་དབྱིས་རིགས་ཀྱི་མི་གྲངས་ཁྲི་18162ཡོད་པ་དང་།རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་རེད།བོད་རིགས་མི་གྲངས་ཁྲི་122ནི་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ཆེ་གྲས་གཉིས་པ་རེད།ཆའང་རིགས་ཀྱི་མི་གྲངས་ཁྲི་30ཡོད་པ་དང་།དེ་མིན་རྒྱལ་ཡོངས་ཀྱི་ཆའང་རིགས་འདུས་སྡོད་ཁུལ་གཅིག་པུ་ཡིན་པ་དང་།གཞན་ཡང་ཞིང་ཆེན་ནང་ཁུལ་དུ་ཆའང་རིགས་འདུས་སྡོད་ཁུལ་18ཡོད་པ་རེད།